Joint long life prayer for Kunzig Shamar Rinpoche’s reincarnation by Trinley Thaye Dorje and Ogyen Trinley Dorje.

A long life prayer for Kunzig Shamar Rinpoche’s reincarnation.

PDF of the prayer

In the dharma expanse, the broad sky

of unchanging bliss and emptiness,

She grants the glory of life,

the pure essence of peace and existence,

Through the display of the unceasing

magical net.

May the Bhagavati Tara Wish-Fulfilling Wheel

grant auspiciousness!

You possess the trove of secrets

of body, speech, and mind

Of the Karmapa, who embodies

the activity of all victors.

You are the nirmanakaya

Mipham Gargyi Wangchuk,

The teacher and student inseparable –

may you live long!

May the pith instructions of the true lineage

of realization flow into your mind.

May you be rich in the ocean of qualities

of both study and practice.

May you ripen and liberate beings

who see, hear, or remember you.

May you live long as the guru,

meaningful to all who make a connection.

May I, in this birth and in all my lives,

Follow the Karmapa and his heart sons inseparably,

Accomplish all my intentions according to the dharma,

And ultimately merge my mind with theirs as one.

Like a swiftly approaching sunrise, the reincarnation of the all-knowing holder of the Red Crown, Mipham Chökyi Lodrö, is soon to appear. With the fervent aspiration that he may live long, that his activity may flourish, and that by the power of this, the teachings of the Practice Lineage of the Karma Kamtsang may be united, the two of us, known as Ogyen Trinley and Thaye Dorje, have written this prayer together. We have concluded it with the true words of Gyalwang Mikyö Dorje adorning it as the final stanza. May this work aid in spreading the teachings and bringing happiness to beings, and may the Buddhas and Bodhisattvas make it so.

Written in Europe on the twenty-second day of the eighth Tibetan month of the female Year of the Pig, 20 October 2019.

 

ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ཀྱི་ཞབས་བརྟན།

 

ཆོས་དབྱིངས་མི་འགྱུར་བདེ་སྟོང་ཡངས་པའི་མཁར། །

འགག་མེད་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གྱིས། །

སྲིད་ཞིའི་དྭངས་བཅུད་ཚེ་ཡི་དཔལ་སྩོལ་བ། །

བཅོམ་ལྡན་ཡིད་བཞིན་འཁོར་ལོས་དགེ་ལེགས་སྩོལ། །

 

རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཀརྨ་པའི། །

སྐུ་གསུང་ཐུགས་ཀྱི་གསང་བའི་མཛོད་འཛིན་པ། །

མི་ཕམ་གར་གྱི་དབང་ཕྱུག་སྤྲུལ་པའི་སྐུ། །

སྟོན་འཁོར་ཐ་མི་དད་པའི་ཞབས་བརྟན་གསོལ། །

 

རྟོགས་པ་དོན་བརྒྱུད་མན་ངག་ཐུགས་སུ་བྱོན། །

མཁས་དང་གྲུབ་པའི་ཡོན་ཏན་རྒྱ་མཚོས་ཕྱུག །

མཐོང་ཐོས་དྲན་པས་འགྲོ་རྣམས་སྨིན་གྲོལ་མཛད། །

འབྲེལ་ཚད་དོན་ལྡན་བླ་མར་ཞབས་བརྟན་གསོལ། །

 

སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །

རྒྱལ་བ་ཡབ་སྲས་འབྲལ་མེད་བསྟེན་པ་དང་། །

བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ་གྱུར་ནས། །

མཐར་ཐུག་ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག ། །

 

ཅེས་པ་འདི་ནི་ཐམས་ཅད་མཁྱེན་པ་ཞྭ་དམར་ཅོད་པན་འཛིན་པ་མི་ཕམ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་སྤྲུལ་པའི་ཉི་གཞོན་མྱུར་དུ་འཆར་བར་འགྱུར་བ་གང་གི་ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་པ་དང་། དེའི་མཐུ་ལ་བརྟེན་ནས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ་གཅིག་གྱུར་ཡོང་བའི་སྨོན་འདུན་ཤུགས་དྲག་བཅས། ཨོ་རྒྱན་ཕྲིན་ལས་དང་། མཐའ་ཡས་རྡོ་རྗེར་གྲགས་པ་ངེད་གཉིས་ཐུན་མོང་ནས་བྲིས་ཏེ་ཤོ་ལོ་ཀ་མཐའ་མར་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་བདེན་ཚིག་གིས་མཐའ་བརྒྱན་པར་བྱས་པ་འདིས་ཀྱང་། བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་དོན་དུ་འགྱུར་བར་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་མཛད་པར་གྱུར་ཅིག་ཅེས། ས་མོ་ཕག་ཧོར་ཟླ་བརྒྱད་པའི་ཚེས་ ༢༢ སྤྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༠ ལ་ནུབ་ཕྱོགས་ཡོ་རོབ་ཀྱི་གླིང་ཆེན་དུ་སྦྱར་བ་དགེའོ། །

Quelle:

Joint long life prayer for Kunzig Shamar Rinpoche’s reincarnation by Trinley Thaye Dorje and Ogyen Trinley Dorje

Kommentar verfassen

Trage deine Daten unten ein oder klicke ein Icon um dich einzuloggen:

WordPress.com-Logo

Du kommentierst mit Deinem WordPress.com-Konto. Abmelden /  Ändern )

Google Foto

Du kommentierst mit Deinem Google-Konto. Abmelden /  Ändern )

Twitter-Bild

Du kommentierst mit Deinem Twitter-Konto. Abmelden /  Ändern )

Facebook-Foto

Du kommentierst mit Deinem Facebook-Konto. Abmelden /  Ändern )

Verbinde mit %s